魔鏡歌詞網
魔鏡歌詞網 > 男生歌手 > 德格葉 > 酒鬼

德格葉



歌詞
專輯列表

德格葉

酒鬼

作詞:德格葉
作曲:德格葉

མདང་དགོང་འུ་གཉིས་ཨ་རག་མང་པོ་འཐུང་སོང་།
昨晚你我喝了不少的酒,
རང་རང་མི་ཚེའི་གཏམ་རྒྱུད་བཤད། ཁྱོད་རང་འཚོ་བས་དེད་པས་སྐྱོ་སོང་།
各自傾訴往事,你被生計所累,
ང་རང་ཞེན་ཆགས་ཆེ་བས་སྡུག འུ་གཉིས་གཞན་དང་མི་འདྲ་བསམ།
我被戀情所困,卻認為你我與眾不同。
ལྷ་སའི་སྦི་རག་ནང་ལ་མེ་ཏོག་གཏོར་ནས་འཐུང་ཡོད།
喝著撒上花朵的拉薩啤酒,
དེ་ནི་འུ་གཉིས་གསང་བ་ཡིན། སྐད་ཆ་གཅིག་གིས་ཤོད་ལེ་མིན།
那是我們的秘密,無法用一言兩語表達。
དོན་དུ་ངེད་གཉིས་བཟི་བ་མིན། དོན་དུ་ངེད་གཉིས་སྐྱོ་བ་ཡིན།
實則你我未曾喝醉,那是從心頭湧出的憂傷。
ཨ་རོགས་སེ་ལེ། ཨ་རོགས་སེ་ལེ།
啊若賽勒 啊若賽勒
ང་རང་འདི་ལྟར་ག་ལེ་ག་ལེ་འགྲོ།
我就這樣悠然漫步。
ཨ་རོགས་སེ་ལེ། ཨ་རོགས་སེ་ལེ།
啊若賽勒 啊若賽勒
ཁྱོད་ཀྱང་འདི་ལྟར་ག་ལེ་ག་ལེ་ཕེབས།
你也這樣悠然漫步。
ཨ་རོགས་སེ་ལེ། ཨ་རོགས་སེ་ལེ།
啊若賽勒 啊若賽勒
ང་རང་འདི་ལྟར་ག་ལེ་ག་ལེ་འགྲོ།
我就這樣悠然漫步。
ཨ་རོགས་སེ་ལེ། ཨ་རོགས་སེ་ལེ།
啊若賽勒 啊若賽勒
ཁྱོད་ཀྱང་འདི་ལྟར་ག་ལེ་ག་ལེ་ཕེབས།
你也這樣悠然漫步。
༢ མདང་དགོང་འུ་གཉིས་ཨ་རག་ཞིམ་པོ་འཐུང་སོང་།
昨晚你我喝的酒是那麼的美,
ད་རུང་ཁོ་མོ་གམ་དུ་ཡོད། ཁྱོད་ལ་སྙིང་གཏམ་མང་པོ་བཤད་སོང་།
還有她的陪伴,向你傾訴了好多心事。
གསང་གཏམ་ཁ་ཤས་ཤོར་ཡོད། ཁོ་མོས་གཞན་ལ་མི་བཤད་བསམ།
也不免洩露了些許秘密,她說絕不外傳。
更多更詳盡歌詞 在 ※ Mojim.com 魔鏡歌詞網
མདང་དགོང་ཨ་རག་ཆང་གིས་ང་ངོ་མ་བཟི་ཐལ་ཟེར།
昨晚都說酩酊大醉了,
དེ་ནི་ཁོ་ཚོས་ལྟ་སྟངས་རེད། དེ་ནི་ཨ་རག་ཆང་ལ་འབྲེལ་བ་མེད།
但那是他們的看法,這與酒無關。
དོན་དུ་གསང་གཏམ་བཤད་པ་མིན། སེམས་ཀྱིས་མ་བཟོད་ཤོར་བ་ཡིན།
實則秘密怎能輕易洩露,都是因為不忍心。
༣ འདང་དགོང་འུ་གཉིས་ཨ་རག་མང་པོ་འཐུང་སོང་།
昨晚你我喝了不少的酒,
བརྩེ་སེམས་བོར་བ་ལྟར་དུ་འཐུང་། སང་ཉིན་མེད་པ་བཞིན་དུ་འཐུང་།
喝得像極了忘情的人,像極了沒有不會到來。
ཅི་ཞིག་བཤད་མིན་ཁོ་ཚོས་དོན། རང་གི་སྣང་བ་རང་གིས་བདག
說什麼是他們的事,開開心心是自己的事。
ལན་རེར་དགོད་སྒྲ་མཐོ་ཡང་སྐབས་རེར་ངུ་སྐད་གཉོམ་ཡང་།
時而歡聲笑語,時而低聲抽泣。
དེ་ནི་ངེད་གཉིས་འཚོ་བ་ཡིན། དེ་ནི་ངེད་གཉིས་སྔོན་བསགས་ལས་དབང་ཡིན།
那是我們的生活,也是我們前世修來的緣分。
དོན་དུ་ངེད་གཉིས་བཟི་བ་མིན། དོན་དུ་ངེད་གཉིས་སྐྱོ་བ་ཡིན།
實則你我未曾喝醉,那是從心頭湧出的憂傷。
ཨ་རོགས་སེ་ལེ། ཨ་རོགས་སེ་ལེ།
啊若賽勒 啊若賽勒
ང་རང་འདི་ལྟར་ག་ལེ་ག་ལེ་འགྲོ།
我就這樣悠然漫步。
ཨ་རོགས་སེ་ལེ། ཨ་རོགས་སེ་ལེ།
啊若賽勒 啊若賽勒
ཁྱོད་ཀྱང་འདི་ལྟར་ག་ལེ་ག་ལེ་ཕེབས།
你也這樣悠然漫步。
ཨ་རོགས་སེ་ལེ། ཨ་རོགས་སེ་ལེ།
啊若賽勒 啊若賽勒
ང་རང་འདི་ལྟར་ག་ལེ་ག་ལེ་འགྲོ།
我就這樣悠然漫步。
ཨ་རོགས་སེ་ལེ། ཨ་རོགས་སེ་ལེ།
啊若賽勒 啊若賽勒
ཁྱོད་ཀྱང་འདི་ལྟར་ག་ལེ་ག་ལེ་ཕེབས།
你也這樣悠然漫步。